News

60th Tibetan National uprising day in Oslo Norway

༄༅།།བོད་མིའི་རང་དབང་སྒེ་ལངས་མི་ལོ་༦༠་འཁོར་བའི་གསུམ་བཅུའི་དུས་དྲན་ནོར་

ཝེ་ནང་རྒྱལ་ས་ཨི་སེ་ལོ་དུ་སྲུང་བརྩིས་ཞུས།།

Standard
News

Tibetan New year 2146 Earth Pig celebrated in Oslo Norway (15-17 Feb. 2019)

ནོར་ཝེ་ནང་ཕྱི་ཟླ་༢་ཚེས་༡༥་ནས་༡༧་བར་ཉིན་གསུམ་རིང་བོད་ས་ཕག་ལོའི་ལོ་གསར་སུང་རྩི་ཞུས་༢༡༤༦།།

 

Standard
News

Nobel Peace prize བཀྲིས་བདེ་ལེགས་ཞུ་རྒྱུ།།

Vi gratulere til 2018 Nobels fredsprisvinner Dr. Denis Mukwege og Nadia Murad for deres fantastiske arbeid.

Samme tid  gratulere til Hans Hellighet, den 14. Dalai Lama var vinner av Nobels fredspris 1989

༧གོང་ས་༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ནས་ལོ་ངོ་༢༩་འཁོར་བའི་བཀྲ་ཤིས་པས་དགའ་སྟོན་ལ་ནོར་ཝེ་བོད་རིགས་ཚོགས་པས་

བཀྲིས་བདེ་ལེགས་ཞུ་རྒྱུ།།

དེ་བཞིན་༢༠༡༨ཀྱི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་རྣམས་གཉིས་ལ་Dr. Denis Mukwege and Nadia Murad བཀྲིས་བདེ་ལེགས་ཞུ་རྒྱུ།།

 

 

Standard
News

རྡ་རམ་ས་ལ་ནས་བོད་མི་མང་སྤྱི་འཐུས་རྣམས་པ་གསུམ་ནོར་ཝེ་དུ་ཕེབས་སྐོར།།

༄༅།།  ཕྱིལོ་༢༠༡༨  ཟླ་༡༡ ཚེས་༤་ཉིན།།

ངྡ་རམ་ས་ལར་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚེ་རིང་དབྱངས་སྒྲོན་ལགས།བློ་བཟང་ཆོས་འབྱོར་ལགས།དོན་གྲུབ་བཀྲིས་ལགས་བཅས་རྣམས་པ་གསུམ་ཉིན་༣རིང་གི་མཛད་རིམ་རྣམས།།

དང་ཐོག་གནམ་ཐང་དུ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོརཝེ་བོད་རིགས་ཚོགས་པ་གཉིས་ནས་ཕེབས་བསུ་ཞུས་།

ཕྱི་ལོ་༡༩༨༩་ལོ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་ཚོགས་ཁང་ཆེ་མོའི་ནང་གཟིགས་ཞེས་དང་རྒྱལ་པོའི་ཕོ་བྲང་སོགས་གནས་ཡོད་ས་གནས་ཁག་ལ་གཟིགས་ཞེས་གནང།

ཚོུད་༤་༣༠ཐོག་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཁང་ནང་ནོར་ཝེ་ནང་གནས་སྡོད་བོད་རིགས་ཡོངས་ལ་སྤྱི་འཐུས་རྣམས་པ་གསུམ་གྱིས་ངོ་སྤྲོད་ཐོག་གསུངས་བཤད་བཀའ་སློབ་དང་འདྲི་བ་དྲིས་ལན་ལྷུག་པོ་གནང་།

བོད་རིགས་རྣམས་ཀྱིས་གསོལ་སྟོན་བཤམས།

འཇུག་ཏུ་རྐང་བྲོ་གླུ་གཞས་ངང་ནས་དེའི་ཉིན་གྱི་མཛད་རིམ་རྣམས་ལེགས་གྲུབ།།

ཚེས་༦ཉིན་ཚོུད་༣་༣༠ཐོག་ནོར་ཝེ་སྤྱི་འཐུས་ལྷན་ཁང་ནང་སྤྱི་འཐུས་མཇལ་འཕྲད་གནང། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་དང་སྤྱི་འཐུས་རྣམས་པ་གསུམ་ལ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པས་དགོང་དྲོའི་གསོལ་སྟོན་བཤམས།།       ཚེས་༧ཉིན་ནོར་ཝེ་ནས་ཌན་མག་ཏུ་ཕྱི་ཕེབས།།

 

Standard
News

His Holiness birthday in Norway 7July 2018

ནོར་ཝེ་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐོར

དང་ཐོག་ཚོགས་གཙོ་བློ་བཟང་དཔལ་མོས་ མཛད་རིམ་ངོ་སྤྲོད་ཞུས།
ཟླ་༧ ཚེས་ ༧ ཉིན། ནོར་ཝེ་རྒྱལ་ས་ཨོསེ་ལོ་དུ་སྐར་རྨ་བཀྲིས་གླིང་ཆོས་ཚོགས་སུ་ས་གནས་བོད་རིགས་ཚོགས་པས་གོ་བསྒྲིགས་ཞུས་ཏེ་༧གོང་ས་མཆོག་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐརཉིན།        ༧གོང་ས་མཆོག་གི་༧སྐུ་པར་ལ་མཇལ་ཁ་ཞུས་ཏེ་དེ་ནས་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་བསང་གསོལ་ཞལ་འདོན་དང་རྒྱ་བའི་ཞབས་བརྟན་བདེན་ཚིག་སྨོན་ལམ་བཅས་ཞལ་འདོན་གྲུབ་པ་དང་གསོལ་ཇ་དང་འབྲས་བསིལ།    སང་གསོལ་ལྷ་རྒྱལ།             ཚེ་དབང་རྣམ་རྒྱལ་ལགས་ཀྱིས་༧གོང་ས་མཆོག་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པའི་མཛད་རིམ་ཡུལ་མི་དང་བོད་རིགས་རྣམས་ལ་ངོ་སྤྲོད་གནང།

མཛད་རིམ་ངོ་སྤྲོད་གནང་མཁན་མི་ཉག་སྐལ་བཟང་ལགས།།

༧གོང་ས་མཆོག་ལ་རོལ་དབྱངས་སྟོད་གླུ་ཕུལ་མཁན

༡ཀུན་མཆོག་བརྟན་པ་ལགས།        ༢ཀུན་མཆོག་ཕྲིན་ལས་ལགས།        ༤མི་ཉག་སྐལ་བཟང་ལགས།་          ༥སྐལ་བཟང་བདེ་སྐྱིད་ལགས།

དེ་ནས་གསོལ་ཚིགས་དང་འཇུག་ཏུ་དམངས་གཞས་སྣ་ཚོགས་བཅས་༧སྐུའི་འཁྲུངས་སྐར་སྲུང་རྩི་ལེགས་གྲུབ་ཞུས་པ།།

 

 

 

Standard
News

པཎ་ཆེན་ཆུང་སྲིད་མཆོག་གི་སྐུའི་འཁྲུངས་སྐར་་་Penchen Rinpoche’s birthday 2018

 

ནོར་ཝེ་རྒྱལ་ས་ཨོ་སེ་ལོ་དུ་ཕྱི་༤་ཚེས་༢༥་ཉིན་ པཎ་ཆེན་ཆུང་སྲིད་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་དང་བསྟུན་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཆེད་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོར་ཝེ་བོད་རིགས་ཚོགས་པ་མཉམ་རུབ་ཀྱིས་དེ་ཉིན་མིང་རྟགས་བསྡུ་རུབ་གནང་པ་རེད།།

April 25, 2018 the Norwegian Tibet Committee and the Tibetan community in Norway celebrated

Panchen Rinpoche on its 29th birthday in Oslo, Norway

Standard
News

10th March in Norway 2018 ནོར་ཝེ་ནང་གསུམ་བཅུའི་དུས་དྲན་སྲུང་བརྕི་ཞུས་སྐོར།

ཕྱི་ལོ་༢༠༡༨་ཟླ་གསུམ་པའི་ཚེས་༡༠ཉིན་རྒྱ་ནག་དམར་པོས་བོད་དེ་བཙན་འཛུལ་བྱས་ནས་ལོ་ངོ་༥༩འཁོར་བའི་ཉི་མོ་དེ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོར་ཝེ་བོད་རིགས་ཚོགས་པ་མཐུན་མོངས་ནས་སྲུང་བརྩི་ཞུས་ཏེ་        འཇུག་ཏུ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པས་འབད་བརྩོན་གནང་ནས་Human Rights Wrongs 10th edition   International Documentary Film Festival Oslo. གསུམ་བཅུའི་དུས་དྲན་ཉིན་Director: Mickey Lemie  བཟོས་པས་The last Dalai Lama་            ཞུ་བའི་གློག་བརྙན་དེ་ སྟོན་ནས་ལྟ་མཁན་མི་དཔེ་མང་པོ་སླེབས་འདུག་  གློག་བརྙན་མ་སྟོན་གོང་དུ་རྒྱ་ནག་ཐོག་མཁས་དབང་གསུམ་གདན་དྲེན་ཞུས་ནས་རྣམས་པ་གསུམ་གྱིས་རྒྱ་ནག་གྱི་འགྲོ་བ་མིའི་ཐོབ་སྟངས་ཐོག་ལ་དངོས་ཡོད་ག་འདྲ་ཡོད་མེད་དཔེ་གསལ་པོ་གསུངས་སོང་ནས་མཇུག་ཏུ་འདྲི་བ་འདྲིས་ལན་མང་པོ་བྱུང་སོང་བ་བཅས།།

On 10th March 2018 is the 59 Tibetan People National upraising day against the illegal occupation of Tibet by red China.

 

 

 

Standard