ཕྱི་༢༠༡༢ ཟླ་༧ ཚེས་ ༦ ཉིན་ནོར་ཝེལ་ཞི་བདེའི་འགྲེམ་སྟོན་ཁང་གི་མདུན་དུ་ ནོར་ཝེ་བོད་རིགས་ཚོགས་པས་
༧གོང་ས་ཏ་ལའི་བླ་མ་སྐུ་ཕྲེང་༡༤ པ་ཆེན་པོའི་༢༠༡༢་བར་གྱི་༧སྐུའི་མཛད་རིམ་སྙིང་བསྡུས་ཤིག་དབྱིན་སྐད་དང་ནོར་ཝེ་སྐད་ཡིག་ཡོད་པ་ཤོག་ལེ་རེར་དང་ཆབས་ཅིག་ཏུ་བྱེ་རིལ་ ཅོག་
ལེཌེ་ (Chocolate) ཤོག་སྒྲིལ་རེར་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་འགྲེམ་སྤེལ་ཞུས་
ཕྱི་ཚེས་༧་ཉིན་ཀ་རྨ་མ་བཀྲིས་གླིང་ཆོས་ཚོགས་སུ་བོད་རིགས་རྣམས་སྔ་དྲོ་དུས་འཛོམས་ཐོག་བླ་མ་བྱང་ཆུབ་ལགས་དབུ་ཞུགས་ཀྱིས་
རྒྱལ་བའི་ཞབས་བརྟན་དང་བསངས་མཆོད་ལ་སོགས་པའི་ཞལ་འདོན་རྣམས་དང་ གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་བསྒྲོན་ནས་མཇལ་ཁ་ཞུས་ནས་
༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་དང་ཕྱི་ལོག་ཏུ་བསང་གསོལ་ལྷ་རྒྱལ་ཀི་བསྭོ་སོགས་དང་མཇུག་ཏུ་གསོལ་ཇ་བོད་ཇ། མངར་མོ། འབྲས་སིལ། བག་ཚ་མར་ཁུ། ཁ་ཟས་སོགས།
མཇུག་ཏུ་བོད་གཞས་འཁྲབ་བསྟོན་བཅས་༎
བོད་གཞས་འཁྲབ་བསྟོན་
Advertisements