ངྡ་རྨ་ས་ལར་ནས་བོད་མི་མང་སྤྱི་འཐུས་རྣམས་པ་གསུམ་ནོར་ཝེ་དུ་ཕེབས་སྐོར།།

༄༅།།  ཕྱིལོ་༢༠༡༨  ཟླ་༡༡ ཚེས་༤་ཉིན།།

ངྡ་རྨ་ས་ལར་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚེ་རིང་དབྱངས་སྒྲོན་ལགས།བློ་བཟང་ཆོས་འབྱོར་ལགས།དོན་གྲུབ་བཀྲིས་ལགས་བཅས་རྣམས་པ་གསུམ་ཉིན་༣རིང་གི་མཛད་རིམ་རྣམས།།

དང་ཐོག་གནམ་ཐང་དུ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོརཝེ་བོད་རིགས་ཚོགས་པ་གཉིས་ནས་ཕེབས་བསུ་ཞུས་།

ཕྱི་ལོ་༡༩༨༩་ལོ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་ཚོགས་ཁང་ཆེ་མོའི་ནང་གཟིགས་ཞེས་དང་རྒྱལ་པོའི་ཕོ་བྲང་སོགས་གནས་ཡོད་ས་གནས་ཁག་ལ་གཟིགས་ཞེས་གནང།

ཚོུད་༤་༣༠ཐོག་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཁང་ནང་ནོར་ཝེ་ནང་གནས་སྡོད་བོད་རིགས་ཡོངས་ལ་སྤྱི་འཐུས་རྣམས་པ་གསུམ་གྱིས་ངོ་སྤྲོད་ཐོག་གསུངས་བཤད་བཀའ་སློབ་དང་འདྲི་བ་དྲིས་ལན་ལྷུག་པོ་གནང་།

བོད་རིགས་རྣམས་ཀྱིས་གསོལ་སྟོན་བཤམས།

འཇུག་ཏུ་རྐང་བྲོ་གླུ་གཞས་ངང་ནས་དེའི་ཉིན་གྱི་མཛད་རིམ་རྣམས་ལེགས་གྲུབ།།

ཚེས་༦ཉིན་ཚོུད་༣་༣༠ཐོག་ནོར་ཝེ་སྤྱི་འཐུས་ལྷན་ཁང་ནང་སྤྱི་འཐུས་མཇལ་འཕྲད་གནང། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་དང་སྤྱི་འཐུས་རྣམས་པ་གསུམ་ལ་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པས་དགོང་དྲོའི་གསོལ་སྟོན་བཤམས།།       ཚེས་༧ཉིན་ནོར་ཝེ་ནས་ཌན་མག་ཏུ་ཕྱི་ཕེབས།།

 

 

Advertisements